Annual school rimdro in 2019

On 2nd April 2019, Samtengang Central School has conducted annual school rimdro for the sole purpose of benefiting our students, staffs and nation as a whole. Coinciding with the Rimdro and World autism day, the Khadhar and badges were also awarded.

༉ སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་དང་ ལྷག་པར་དུ་བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་ སློབ་དཔོན་དང་ལས་བྱེདཔ་ སློབ་ཕྲུག་བུ་ དང་བུམོ་ཚུ་གི་རྒྱུད་ལུ་ བསགས་ཡོད་པའི་ ལས་ངན་སྡིག་སྒྲིབ་ཚུ་དག་སྟེ་ ཚོགས་བསགས་སྒྲིབ་སྦྱང་འབད་དེ་ གནས་སྐབས་མངོན་པར་མཐོ་བ་ ལྷ་དང་མིའི་གོང་འཕང་དང་ མཐར་ཐུག་ངེས་པར་ལེགས་པ་ སངས་རྒྱས་ཀྱིས་གོང་འཕང་རིན་པོ་ཆེ་ ཐོབ་ནི་དོན་ལུ་་ ལོ་བསྟར་གནང་སྲོལ་ཡོད་ པའི་ སློབ་གྲྭའི་རིམ་འགྲོ་འདི་ དབང་འདུས་ཕོ་བྲང་རྫོང་ཁག་ རྭ་བྲག་ལྷ་ཁང་གི་དབུ་འཛིན་ བླམ་ལྷ་ཕྲུག་མཆོག་གིས་ དབུ་བཞུགས་ཐོགས་ལས་ དགེ་སློང་ཞེ་གྲངས་བཅུ་ཐམ་ལྷག་ཙམ་གྱིས་ རིམ་འགྲོ་ལྷམོ་འབའ་མཆོད་ ཕྱི་གླི་ མཚོ་སྨན་གནསཔ་དང་ ཆོས་འབུམ་ལྷག་མི་ ཞེ་གྲངས་སུམ་ཅུ་ ལྷག་ཙམ་གྱིས་ ཉིནམ་གཅིིག་གི་རིང་ལུ་ གནང་ཡོདཔ་ཨིན།

འདི་གི་སྐབས་ལུ་ དྲོ་པ་ཆུ་ཚོད་༧:༠༠་དེ་ཅིག་ཁར་ སློབ་དཔོན་དང་སློབ་གྲྭའི་ལས་བྱེདཔ་གེ་ར་ བླམ་དང་གསུང་ཆོགཔ་ཚུ་ གདོང་བསུའི་ འབད་ནི་དོན་ལུ་ བསང་བཏང་ བཀབ་ནེ་སྐབས་ གྱལ་བཅད་དེ་བསྒུག་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གི་ཧོངས་ལས་ ན་གཞོན་ཁས་བླངས་ སྡེ་ཚན་ནང་ལས་ བཅའ་མར་གཏོགས་ཡོདཔ་ཨིན། དྲོ་པ་ཆུ་ཚོད་༧:༢༠དེ་ཅིག་ཁར་ བླམ་དང་གསུང་ཆོགཔ་ཚུ་བྱོནམ་ཅིག་ སློབ་གྲྭ་ནང་ ཕེབས་ ཡོད་པའི་བརྡ་ཚོན་ལུ་ ཕེབས་ཇ་དྲངས་ཞིནམ་ལས་ དང་པ་ར་ལྷ་བསང་གནང་ནི་ འགོ་བཙུགས་ཡོདཔ་ཨིན། སློབ་གྲྭའི་རིམ་འགྲོ་ སྐབས་སུ་ སློབ་དཔོན་དང་ལས་བྱེདཔ་ སློབ་ཕྲུག་ཕོ་མོ་གེ་ར་ སག་སག་གདིག་དིག་སྦེ་ དྲོ་པ་ལས་འཛོམས་ཡོདཔ་ལས་ ཆོགཔ་ཚུ་ལུ་ དྲངས་ཚར་བའི་ མཐའ་མ་ གསོལ་ཇ་ཚུ་གོ་རིམ་བཞིན་དུ་ དྲངས་ཡོདཔ་ཨིན།

དེ་ལས་ལྷ་བསང་གྲོལ་ཞིནམ་ལས་ དྲོ་པའི་བཞེས་ཐུག་དྲངས་ འདི་གི་་ཤུལ་ལས་ ལྷམོ་འབའ་མཆོད་ཀྱིས་ གསུངས་བཤད་་གནང་ནི་ འགོ་ བཙུགས་ཡི། སློབ་གྲྭའི་སློབ་དཔོན་དང་ ལས་བྱེདཔ་ཚུ་ དེ་ལས་སློབ་ཕྲུག་ཕོ་མོ་ཡོངས་ཀྱིས་ རིམ་པ་བཞིན་དུ་ གྱལ་ཚར་ཏེ་ ཕྱག་དང་སྙན་དར་ ཚུ་ ཕུལ་ཡོདཔ་ཨིན། དེ་་དང་ཅིག་ཁར་་ སློབ་དཔོན་དང་ལས་བྱེདཔ་ཚུ་གི་མ་དོ་བ་ སློབ་གྲྭའི་ཉེ་འདབས་ལུ་ཡོད་པའི་ ལས་ཁུངས་ཁག་གི་ འགོ་ དཔོན་དང་ སློབ་གྲྭའི་ལས་བྱེད་པའི་གཉེན་གྲོགས་ སྤུན་ཆ་ལ་སོགས་པ་ཚུ་གིས་ བཅའ་མར་གཏོགས་ཏེ ཕྱི་རུ་གཏོར་མ་དང་ གེགས་ལ་སོགས་པ་ ཕྱིར་བཏོན་འབག་ཞིནམ་ལས་རྐྱངམ་ཅིག་ ལོག་བྱོན་ཡོདཔ་ཨིན།

དུས་ཅི་གི་ལོ་འདི་ནང་ སློབ་ཕྲུག་ཆོས་འབུམ་ལྷག་མི་༢༨ལྷག་་ཙམ་ཡོདཔ་མི་ཚུ་ལུ་ ཕྱི་གསུང་ཆོག་པའི་གྲལ་ལུ་བརྩི་སྟེ་ དྲོ་པ་བཞེས་ ཐུགཔ་ལས་ འགོ་བཙུགས་ཏེ་ ཕྱི་རུའི་ཚོགས་དང་ འགྱེབ་ཆ་ཚུ་ཡང་ མ་བཏུབ་བཏུབ་སྦེ་ ཕུལ་ཚུགས་ཅི་ཟེར་ཞུ་ནི་ཨིན། དུས་ཅི་གི་ ལོ་འདི་ནང་སྲོལ་བཟང་ པོ་ གསརཔ་ལེ་ཤ་བཙུགས་ཡོད་པའི་གྲལ་ལས་ གཅིག་འདི་ སྔོན་དང་ཕུ་ལས་དར་ཁྱབ་སོང་ཡོད་མི ཚོགས་ཕུལ་ཞིནམ་ལས་ ཚོགས་གླུ་འཐོན་ ནི་འདི་ སློབ་གྲྭའི་རིམ་འགྲོ་སྐབས་སུ་ སྲོལ་གསརཔ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན།

དེ་བཟུམ་སྦེ་ དྲོ་པའི་བཞེས་ཐུགཔ་འདི་ གསུངས་ ཆོགཔ་ ཆོས་ལྷག་མི་ སློབ་གྲྭའི་ལས་བྱེདཔ་ཚུ་ལུ་ དྲངས་པ་གི་མ་ཚད་པར་ འདི་ཁར་འཛོམས་ཡོད་པའི་ སློབ་ཕྲུག་ཚུ་ལུ་ཡང་ དྲངས་ཚུགསཔ་ ལས་ སློབ་གྲྭའི་རིམ་འགྲོ་སྐབས་སུ་ ཐུགཔ་འཐུང་ནི་གོ་སྐབས་འདི་ ལོ་བཞི་འགྱོཝ་ད་ དུས་ཅི་འགོ་དང་པ་ཨིན་ཟེར་སླབ་མི་ཡང་ འཐོན་ཡོདཔ་ ཨིན། གཞན་སློབ་ཕྲུག་ཆོས་ལྷག་མི་ལུ་ འགྱེབ་ཆ་ཕུལ་ནི་ བཞེས་སྒོ་ ཆོགཔ་གི་གྲངས་སུ་བརྩི་རྐྱབ་ནི་དང་ བླ་མའི་སྐུ་མདུན་ལུ་ གླུ་དང་སྒོར་ སྒོརམ་གི་ཞབས་ཁྲ་ སྤྱན་འབུལ་ཞུ་ནི་ལ་སོགས་པ་ སྲོལ་བཟང་པོ་ལེ་ཤ་ འགོ་བཙུགས་ཡོདཔ་ཨིན་མས། དེ་མ་ཚད་ རིམ་འགྲོའི་སྐབས་ལུ་ བླམ་མཆོག་གིས་ ཕྱི་མགྱོནམ་དང་སློབ་གྲྭའི་སློབ་དཔོན་ ལས་བྱེདཔ་ དེ་ལས་ སློབ་རིམ་༡༠པའི་ སློབ་ཕྲུག་ ཚུ་ལུ་ སྤྱིར་བཏང་ནང་པ་སངས་རྒྱས་པའི་ཆོས་ཀྱི་བསྐོར་ལས་ ཆོས་བཤད་དང་ རིམ་འགྲོ་འདི་གི་ཕན་ཡོན་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཚུ་ ཧིང་ སངས་ས་སྦེ་ གསུངས་གནང་ཡི། མཇུག་ར་ཕྱི་་རུའི་ཚོགས་ཚུ་དྲངས་ཏེ་ ཉིནམ་གཅིག་གི་རིང་ གནང་ཡོད་པའི་སློབ་གྲྭའི་རིམ་འགྲོ་འདི་ གྲོལཝ་ དང་ཅིག་ཁར་ བླམ་གི་གཙོས་པའི་གསུང་ཆོགཔ་ཚུ་ ཞབས་བསྐྱལ་འབད་དེ་ ལས་རིམ་མཇུག་བསྡུ་ཡོདཔ་ཨིན་མས།

བཀའ་དྲིན་ཆེ།

Report compiled by Lop Kinzang Wangdi

5 1 vote5 1
Article Rating
Subscribe
Notify of
guest
0 Comments
Inline Feedbacks
View all comments
0
Would love your thoughts, please comment.x
()
x